རྫོང་ཁ།

[tabs slidertype=”top tabs”] [tabcontainer] [tabtext]རྒྱབ་ཁུངས།[/tabtext] [[tabtext]རྩ་གཞུང་ལག་ལེན་གྱི་དམིགས་གཏད།[/tabtext] [tabtext]སློབ་དཔོན་གྱི་ ཁྱད་རིག་སྦྱོང་བརྡར་དང་ ལྟ་ཞིབ་རྒྱབ་སྐྱོར།[/tabtext] [tabtext]ད་ལྟོའི་གནས་སྟངས་ནང་ རྫོང་ཁའི་གནས་ཚད།[/tabtext] [tabtext]རྫོང་ཁའི་ཆོས་ཚན་ཚོགས་ཆུང་གི་འཐུས་མི།[/tabtext]

[/tabcontainer] [tabcontent]

[tab]འབྲུག་གི་ ཤེས་རིག་མཁས་མཆོག་ཚུ་གིས་མ་ཚད་པར་ མི་ཆེ་འབྲིང་ཆུང་གསུམ་ག་ར་གི་ མཐོང་སྣང་ལུ་ ཤེས་རིག་སློབ་གྲྭ་ ཁག་གི་ རྫོང་ཁའི་ཤེས་ཡོན་གྱི་སྤུས་ཚད་འདི་ རེ་འདོད་ལྟར་དུ་མེད་པའི་ དོགས་པ་དང་། ཆོས་ཚན་ནང་ལྷབ་མི་དང་ ལཱ་གཡོག་གཉིས་རྟགས་མ་མཐུནམ། དེ་ལས་ རྫོང་ཁའི་ཆོས་ཚན་གྱི་ ནང་དོན་ཚུ་ མང་ཆེ་བ་ དམ་པའི་ཆོས་ཀྱི་སྐོར་ལས་ འབདཝ་ལས་ ནང་པའི་ཆོས་ལྷབ་ནིའི་ རྩ་གཞུང་བཟུམ་ཅིག་འབད་འགྱོ་བའི་ བསམ་འཆར་བཀོད་པ་གིས་མ་ཚད་ བརྡ་བརྒྱུད་ཀྱི་གནས་ཚུལ་དང་ བསམ་འཆར་ཚུ་ནང་ཡང་ རྫོང་ཁའི་ཆོས་ཚན་གྱི་ སྐུགས་ཚད་དང་ ཨ་ལོའི་ འབྲི་ལྷག་གི་ལྕོགས་གྲུབ་གཉིས་ རྟགས་མ་མཐུན་པའི་ ལོ་རྒྱུས་དང་ སྐྱོན་རྗོད་འབད་མི་ཡང་ ལེ་ཤ་ཐོན་ཏེ་འདུག།

དེ་གིས་འབད་ འཆར་གཞི་དགུ་པའི་ལོ་ལྔའི་འཆར་གཞི་ནང་ སློབ་གྲྭའི་རྩ་བའི་ཆོས་ཚན་ཚུ་ སྤུས་ཚད་དང་ལྡན་པར་བཟོ་ དགོ་པའི་ དམིགས་ཡུལ་དང་བསྟུན་ ཤེས་ཡོན་རྩ་གཞུང་དང་ ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་གྱི་ བཀོད་ཚོགས་ཞལ་འཛོམ་ ཐེངས་༡༤ པ་དང་༡༥ པ་ནང་ལས་ ཨིང་ལིཤི་དང་ རྩིས་ཆོས་ཚན་གྱི་རྩ་གཞུང་ ལེགས་སྒྱུར་གྱི་ ལས་རིམ་ལས་འཕྲོ་ མཐུད་དེ། རྫོང་ཁའི་ཆོས་ཚན་གྱི་རྩ་གཞུང་ཚུ་ཡང་ ལེགས་སྒྱུར་འབད་དགོཔ་འབད་ གྲོས་ཆོད་བཏོན་གནང་མི་དང་ འཁྲིལ་ཏེ་ ལས་འགུལ་ འགོ་བཙུགས་ཅི།

ལཱ་གི་རིམ་པ།

ཀ་ ༢༠༠༥ ལུ་ ཤེས་ཡོན་རྩ་གཞུང་དང་ ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་གྱི་ མཁས་མཆོག་ དྲག་ཀྲོར་ ཕུརཔ་གི་ འགོ་འདྲེན་ཐོག། དེ་ཁའི་ལས་བྱེདཔ་ཚུ་དང་། འབྲུག་ཆོས་རྒྱུགས་བཀོད་ཚོགས། ཤེས་རིག་ལྟ་ཞིབ་དང་རྒྱབ་སྐྱོར་སྡེ་ཚན། སྤ་རོ་ རྒྱལ་ཡོངས་སློབ་དཔོན་ སློབ་སྦྱོང་སྤེལ་ཁང་། མཉམ་རུབ་འབད་དེ་ གོང་གི་གནད་དོན་དེ་ཚུ་ ཞིབ་ཞིབ་འབད་ དབྱེ་དཔྱད་འབད་ནིའི་དོན་ལུ་ འབྲུག་གི་གཞི་རིམ་ཤེས་ཡོན་གྱི་གནས་ཚད་འདི་ སློབ་རིམ་༡༠ པ་ཨིནམ་ལས། འབྲིང་རིམ་ བར་མ་དང་ གོང་མའི་སློབ་གྲྭ་ཚུ་ནང་ སློབ་རིམ་༡༠ པའི་ གནས་ཚད་ལུ་ གཞི་བཞག་སྟེ་ ཞིབ་འཚོལ་དང་ འདྲི་དཔྱད་འབད་དེ་ གནས་ཚུལ་བསྡུ་ལེན་འབད་ནི་ འགོ་བཙུགས་ཅི།

ཁ་ ༢༠༠༦ ལུ་ ཞིབ་འཚོལ་ལས་འཐོབ་མིའི་ གྲུབ་འབྲས་དང་འཁྲིལ་ཏེ་ ཤེས་རིག་དྲུང་ཆེན་ དྲག་ཤོས་ དྲག་ཀྲོར་ པདྨ་འཕྲིན་ལས་མཆོག་གི་ ལམ་སྟོན་དང་འཁྲིལ། ཤེས་རིག་ཞིབ་འཚོལ་ལྟེ་བའི་ མདོ་ཆེན་ ཐྲ་ཀུར་སིང་ པཱའེ་ཌཱེལ། རྫོང་ཁ་གོ་འཕེལ་ལྷན་ཚོགས་ཀྱི་ དྲུང་ཆེན་ དྲག་ཤོས་སངས་རྒྱས་རྡོ་རྗེ། རྒྱལ་ཡོངས་སློབ་དཔོན་ སློབ་སྦྱོང་སྤེལ་ཁང་་གི་ མདོ་ཆེན་ དྲག་ཀྲོར་ རྒྱ་གར་རྡོ་རྗེ། ཤེས་ཡོན་རྩ་གཞུང་དང་ ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་གྱི་ འགོ་དཔོན་གཙོ་འཛིན་ ཀརྨ་ཤེས། ཨིང་ལིཤ་གི་ རྩ་གཞུང་འགོ་དཔོན་དང་ རྫོང་ཁའི་སྡེ་ཚན་ནང་ལཱ་འབད་མི་ཚུ་གིས་ རྩ་གཞུང་བཀོད་རིས་ ཟིན་འབྲི་དང་པ་ བཟོ་ནི་གི་ལཱ་འགོ་བཙུགས་ཅི།

ག་ འཕྲོ་མཐུད་དེ་ར་ རྩ་གཞུང་བཀོད་རིས་ མཐའ་དཔྱད་དང་ གཏན་འབེབས་དོན་ལུ། གོང་འཁོད་མཁས་མཆོག་ཚུ་ དང་། མཁས་དབང་གཞན། སློབ་གྲྭ་ ཆེ་འབྲིང་ཆུང་གསུམ་ནང་གི་སློབ་དཔོན་དང་། རྒྱལ་ཡོངས་ཚོགས་འདུའི་འཐུས་མི། ཕམ། བརྡ་བརྒྱུད། རྒྱལ་ཡོངས་སློབ་དཔོན་ སློབ་སྦྱོང་སྤེལ་ཁང་། བསམ་རྩེ་དང་ སྤ་རོའི་ལེགས་སྦྱར་བ། སྐད་ཡིག་ ལམ་སྲོལ་དང་ སློབ་སྦྱོང་སྤེལ་ཁང་གི་ ལེགས་སྦྱར་བ་བཅས་ ཉིན་གསུམ་གྱི་རིང་ གྲོས་སྡུར་མཐིལ་ཕྱིན་འབད་དེ་ གཏན་འབེབས་གྲུབ་ཅི།

ང་ བཀོད་རིས་འདི་ལུ་བརྟེན་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་གྱིས་ ཁྲི་འཛིན་འབད་དེ་ བརྡ་བརྒྱུད་དང་ སློབ་གྲྭ་ཁག་གི་སློབ་དཔོན་ཚུ་གི་ ཁྱད་རིག་ལུ་བརྟེན་ཏེ་ ད་ལྟོ་ལག་ལེན་འཐབ་བཞིན་ཡོད་མི་ སློབ་དེབ་དང་ ལམ་སྟོན་ཚུ་ རྩོམ་སྒྲིག་འབད་འབདཝ་ཨིན།

ཅ་ རྩ་གཞུང་གསརཔ་འདི་ སློབ་རིམ་༡༢ པ་ལས་ འགོ་བཙུགས་དགོ་མི་འདི་ཡང་། བློ་གསར་ལས་ འགོ་བཙུགས་ཏེ་ སློབ་རིམ་གོང་མ་ལུ་ ལྷོད་ལྷོད་ཀྱི་བར་ན་ སློབ་ཕྲུག་སྟོང་ཕྲག་ལས་བཅད་དེ་ རྩ་གཞུང་རྙིངམ་འདི་ར་ ལྷབ་སྟེ་ འགྱུར་བ་ ག་ནི་ཡང་མེདཔ་འབད་ ཐོན་འགྱོ་ནི་གི་ ཉེན་ཁ་ཡོདཔ་ལས། ལོ་གཅིག་འབད་རུང་ རྩ་གཞུང་གསརཔ་འདི་ ལྷབ་འགྱོ་ནི་གི་ དགོས་པ་ལུ་བལྟ་སྟེ་ འགོ་བཙུགས་བཙུགསཔ་ཨིན།

[/tab]

[tab]ཀ་ རྩ་གཞུང་ ལག་ལེན་འཐབ་པའི་སྐབས་གཙོ་བོ་ སློབ་ཕྲུག་གཙོར་བཏོན་གྱི་ དམིགས་ཡུལ་ ཨིནམ་ལས། སློབ་དཔོན་གྱིས་ ནང་དོན་ཐོག་ལུ་ བཤད་པ་རྐྱབ་སྟེ་ར་ སྡོད་ནི་མེན་པར་ སློབ་ཕྲུག་གི་ ཁ་ཐུག་ལས་ ང་གིས་འབད་བ་ཅིན་ གནད་དོན་འདི་ འ་ནཱི་བཟུམ་ཅིག་ཨིན་མས། འདི་ག་དེ་སྦེ་ཨིན་ན? ཟེརཝ་ལ་སོགས་ སློབ་ཕྲུག་གི་ ཁ་ཐུག་ལས་ འདྲི་བ་ཚུ་འབག་འོང་ནིའི་རེ་བ་དང་། སྡེ་ཚན་ནང་ལུ་ གྲོས་སྡུར་འབད་དེ་ གནད་དོན་ བཅུད་བཏོན་ནི་དང། དོན་ཚན་གྱི་ཐོག་ལུ་ དབྱེ་དཔྱད་འབད་དེ་ ལྷག་ནི་ བྲི་ནི་ ཉན་སླབ་འབད་ནི་ཚུ་ལུ་ གཙོ་བོར་བཟུང་སྟེ་ རྫོང་ཁའི་སྐད་ཡིག་དང་ རྩོམ་རིག་གི་རིག་རྩལ་ ལེགས་ཤོམ་ སྦྱང་ཐབས་ལུ་ དམིགས་ཏེ་ བཟོ་བཟོཝ་ཨིན།

རྩ་གཞུང་གསར་པའི་ལག་ལེན།

ལེགས་སྒྱུར་འབད་ཡོད་པའི་ རྩ་གཞུང་འདི་

  • སྤྱི་ལོ་༢༠༠༧ ལས་ སློབ་རིམ་༩ པ་དང་༡༡ པའི་ནང་ལས་རིམ་པ་བཞིན་དུ་ ལག་ལེན་འཐབ་ནི་འགོ་བཙུགས་ཅི།
  • སྤྱི་ལོ་༢༠༠༨ ལས་༤ པ་ལས་༨ པ་ཚུན་ ལག་ལེན་འཐབ་ནི་འགོ་བཙུགས་ཅི།
  • སྤྱི་ལོ་༢༠༠༩ ལས་ བློ་གསར་ལས་ སློབ་རིམ་༣ པ་ཚུན་ ལག་ལེན་འཐབ་ནི་འགོ་བཙུགས་ཡོད།

ཁ་ རྩ་གཞུང་གསར་རྙིང་གི་ ཁྱད་པར།

 རྙིངམ་ནང་།   གསརཔ་ནང་།
 ནང་དོན་མང་ཤོས་ ནང་པའི་ཆོས་ཀྱི་སྐོར་ཚུད་ཡོདཔ།  ཆོས་དང་ལམ་སྲོལ་ལཱ་གཡོག་རྩིས་མཐོང་ཚུ་སླ་སྲེས་འབད་ཡོདཔ།
  ལཱ་གཡོག་དང་འབྲེལ་བ་ཐད་ཀར་མེདཔ།  ལཱ་གཡོག་དང་ཐད་ཀར་འབྲེལ་བ་ཡོདཔ།
 གཞི་རིམ་ལས་ར་ སྐད་ཡིག་དང་ སྦྱོར་བ་ཚུ་ ལྷབ་དགོཔ་འབད་ བཙུགས་ཏེ་ གོ་དོག་དྲགས་འབད་ ཡོདཔ།  རིག་པའི་གཞི་ འབྲི་ཀློག་གཉིས་ལུ་ དམིགས་གཏད་འབད་དེ་ སློབ་རིམ་༣ པ་ཚུན་ འབྲི་ལྷག་གཉིས་ གོ་ཡངས་ཐོག་ལས་ ལྷབ་ནི་ལུ་གཙོ་བོར་ བཏོན་ཡོདཔ།
 རྩ་བའི་རིག་རྩལ། ཉན་ནི། སླབ་ནི། བྲི་ནི། ལྷག་ནི།                                               སྐད་ཡིག་གི་ རིག་རྩལ་དང་ རྩོམ་རིག་ལུ་དམིགས་གཏད་ མེདཔ།  ཉན་སླབ། ལྷག་རིག་དང་རྩོམ་རིག། སྐད་དང་ཡི་གུའི་སྦྱོར་བ། བྲི་ནི་རིག་རྩལ།                        རྩོམ་རིག་དང་ ཡི་གུའི་སྦྱོར་བ་ དམིགས་གཏད་འབད་ཡོདཔ།
 འབྲི་རྩོམ་ ཟེར་བའི་སྐབས་ སྤྱིར་བཏང་འབད་བྲི་ནི་མ་གཏོགས་ དབྱེ་ ཕྲ་ཞིང་ཕྲ་བ་འབད་མེད།  འབྲི་རྩོམ་གྱི་རིགས་ འགྲེལ་བཤད། ལོ་རྒྱུས། འཆར་གནང་། རྒྱུད་སྐུལ་སོགས་ ཁ་གསལ་ཡོདཔ།
 སྲུང་ཚུ་བཙུགས་ཏེ་ཡོད་རུང་ བཤད་ནི་དང་ ཉན་ནི་གི་གོ་སྐབས་ ཅིག་ མ་གཏོགས། བྲི་ནི་དང་ བརྩམ་ནི། དབྱེ་དཔྱད་འབད་ནིའི་ སྦྱོང་ལཱ་ཚུ་མེདཔ།  སྲུང་ འཆད་ཉན་ འབད་དགོ་པ་གིས་མ་ཚད། བྲི་ནི་དང་ བསྐྱར་ཞིབ་འབད་དེ་ བྲི་ནི། ཉམས་ཀྱི་ཁྱད་པར་ཚུ་ དབྱེ་བ་ ཕྱེས་ཏེ་ ལྷག་ནི་དང་ བཅུད་དོན་བཏོན་ཏེ་ སྙན་ཞུ་འབད་ནི་ ལ་སོགས་པའི་ རིག་རྩལ་བཙུགས་ཡོདཔ།
 དཔྱེ་གཏམ་དང་ བློ་ཟེ་ རྩང་མོ་ ཟེར་དུམ་གྲ་རེ་ བཙུགས་ཡོདཔ་མ་གཏོགས་ སྙན་རྩོམ་ཟེར་ དབྱེ་བ་ཕྱེས་ཏེ་ ལྷབ་ནི་མེདཔ།  སྙན་རྩོམ་ལུ་ བློ་ཟེ། རྩང་མོ། ཁ་བཤད། རྦད་བཤད། དཔྱེ་གཏམ། བསླབ་བྱ། ཀ་རྩོམ་ ཕལ་རྩོམ་ གསལ་བཤད། སོགས་ དབྱེ་བ་ཕྱེས་ཏེ་ ལྷབ་ནི་གི་གོ་སྐབས་བཟོ་ཡོདཔ།
 སུམ་རྟགས་ཀྱི་ ཕྲད་དང་འཇུག་པ་དང་ སྦྱོར་བ་ཚུ་ དཔེར་བརྗོད་ དག་པ་རེ་བྲི་ནི་ཡོདཔ།  མིང་དང་། བྱ་ཚིག། ཁྱད་ཚིག། ལས་ཚིག། བདག་གཞན་ དུས་གསུམ་གྱི་རྣམ་གཞག་ཚུ་ལྷབ་ནི་ཡོདཔ།
 རྒྱལ་སྲས་ལག་ལེན་དང་། བཤེས་སྤྲིང་སོགས་ ཡོངས་རྫོགས་ ལྷབ་དགོཔ། མི་ཚེ་དང་ འབྲེལ་བ་ཡོད་མེད་དང་ སྲིད་བྱུས་དང་ འགལ་བ་ཡོད་མེད་ ཤེས་ཚད་དང་ འབྲེལ་བ་ཡོད་མེད་ཚུ་ ཕྱི་སེལ་རྐྱབ་སྟེ་ ལྷབ་དགོཔ།
 གཏང་ཡིག་དང་ ཞུ་ཡིག་གི་སྐོར་ སློབ་དཔོན་གྱིས་ ལོགས་སུ་སྟོན་ན་མ་གཏོགས་ སློབ་དེབ་ནང་མེདཔ།  གཏང་ཡིག་དང་ ཞུ་ཡིག་ བཀའ་ཤོག་ གན་རྒྱ། ངག་རྗོད། གྲོས་གཞི། གྲོས་ཆོད། བཤེར་ཡིག། འཁྲུན་ཆོད། ཁྱབ་བསྒྲགས། གསལ་བསྒྲགས། བཀའ་ཤོག་སོགས་ ལྷམ་ཚང་ལྷབ་ནི་ཡོདཔ།
 སྦྱོང་ལཱ་ བཤད་ཉན་འབད་ནི་དང་། འདྲི་བ་དྲིས་ལན་ འདྲ་བཤུས་ འབད་ནི་སོགས་ ཨ་ཙི་རེ་ཡོདཔ། སྡེ་ཚན་གོ་སྡུར་འབད། སྤྱི་དོན་བྲི་ནི། ཁྱད་རྣམ་བྲི་ནི། བསྐྱར་ཞིབ་ འབད་ནི། ཞིབ་འཚོལ་འབད་ནི་གི་ རིག་རྩལ་ཚུ་ཚུད་ཡོད།
  སློབ་དེབ་མ་གཏོགས་ལྷག་དེབ་མེདཔ།  ལྷག་དེབ་དང་ ལྷན་ཐབས་ལྷག་དེབ་ཚུ་བཙུགས་ཏེ་ ངེས་པར་ལྷག་དགོཔ་ཡོད།
 ལྷག་དེབ་དང་ ལྷན་ཐབས་ལྷག་དེབ་ཚུ་བཙུགས་ཏེ་ ངེས་པར་ལྷག་དགོཔ་ཡོད།

ནང་དོན་གཙོ་བཏོན་ལམ་ལུགས།

ཚིག་མཛོད་འཐོབ་ནི་མེདཔ། ཨ་ལོ་རེ་ལུ་ ཚིག་མཛོད་རེའི་འཐབ་ལམ་དང་ དེ་དང་འབྲེལ་ཏེ་ ཚིག་མཛོད་ལག་ལེན་གྱི་ སྦྱོང་ལཱ་ཚུ་བཀོད་ཡོད།

སྐད་ཡིག་གི་རིག་རྩལ་ལག་ལེན་གྱི་སྦྱོང་ལཱ་གཙོ་བཏོན།

[/tab]

[tab]རྩ་གཞུང་གསརཔ་འདི་ འགོ་བཙུགས་ཞིནམ་ལས་ ད་ཚུན་གྱི་བར་ན་

  • སྤྱི་ལོ་༢༠༠༧ལས་༢༠༡༡ཚུན་ བློ་གསར་ལས་ ༡༢པ་ཚུན་གྱི་ སློབ་དཔོན་ཡོངས་ལུ་ ཐད་ཀར་དང་ སློབ་སྟོན་པའི་སྦྱོང་བརྡར་ཐོག་ལས་ རྩ་གཞུང་གསར་པའི་ གོམས་འདྲིས་སློབ་སྦྱོང་ ཐེངས་གཅིག་བྱིན་ཚར་ཡོད།
  • སྤྱི་ལོ་༢༠༡༢ལས་༢༠༡༡༦ཚུན་ བློ་གསར་ལས་ ༡༢པ་ཚུན་གྱི་ སློབ་དཔོན་ཡོངས་ལུ་ ཐད་ཀར་དང་ སློབ་སྟོན་པའི་སྦྱོང་བརྡར་ཐོག་ལས་ འབྲི་ལྷག་གཙོ་བཏོན་གྱི་ ཁྱད་རིག་སྦྱོང་བརྡར་ ཐེངས་གཅིག་བྱིན་ཚར་ཡོད།
  • སྤྱོད་ཁྲལ་མ་ཕོག་པའི་ བརྒྱུད་འཕྲིན་དང་ ཡོངས་འབྲེལ་ཁ་བྱང་e-mail ཚུ་གི་ཐོག་ལས་ དོགས་སེལ་དང་ འདྲི་ལན་ཚུ་ དུས་རྒྱུན་འབད་བཞིན་ཡོདཔ་མ་ཚད།
  • རྩ་གཞུང་འགོ་དཔོན་ཚུ་ འཕྲལ་འཕྲལ་ར་ སློབ་གྲྭ་ཚུ་ནང་འགྱོ་སྟེ་ ལྟ་ཞིབ་དང་ རྒྱབ་སྐྱོར་ཚུ་ འབད་བཞིན་ཡོདཔ་ཨིན།

རྩ་གཞུང་ལེགས་བཅོས་དང་བསྐྱར་ཞིབ།

  • སྤྱི་ལོ་༢༠༡༣ལུ་ སློབ་རིམ་༧པ་ལས་ ༡༢པ་ཚུན་གྱི་ སློབ་དེབ་ཚུ་ བསྐྱར་ཞིབ་འབད་དེ་ ནང་དོན་ཚུ་ སློབ་དཔོན་ཚུ་གི་རེ་བ་དང་འཁྲིལ་ཏེ་ འཕྲི་སྣོན་ཐོག་ལས་ ལེགས་བཅོེས་འབད་ཡོད།
  • སྤྱི་ལོ་༢༠༡༣ལུ་ གཞི་རིམ་སློབ་ཕྲུག་ཚུ་གི་དོན་ལུ་ ཨ་ལོའི་སྤྲོ་གླུའི་ གློག་རིག་སྒྲ་འཛིན་འཁོར་ལོ་བཟོ་སྟེ་ སློབ་གྲྭ་ཚུ་ནང་བཀྲམ་ཡོདཔ་མ་ཚད་ ཡོངས་འབྲེལ་ནང་ལུ་ཡང་ ཕབ་ལེན་གྱི་དོན་ལུ་བཙུགས་ཡོད།
  • སྤྱི་ལོ་༡༩༧༤ལས་ ད་ཚུན་གྱི་བར་ན་ ཤེས་རིག་རྫོང་ཁའི་རྩ་གཞུང་ནང་ ལག་ལེན་འཐབ་བཞིན་ཡོད་པའི་ སྲུང་རིགས་རྣམ་ཐར་ བསླབ་བྱ་ལེགས་བཤད་ འབྲི་རྩོམ་ སྙན་རྩོམ་ཚུ་ག་ར་ གློག་རིག་ཐོག་ བསྡུ་སྒྲིག་འབད་དེ་ མ་འོངས་དགོས་མཁོའི་དོན་ལུ་ ལག་ལེན་འཐབ་ཆོགཔ་བཟོ་ཡོད།
  • གཞི་རིམ་སློབ་ཕྲུག་གི་ཕམ་ཤེས་ཡོན་ཅན་ཚུ་གིས་ རང་གི་ཨ་ལོ་ཚུ་ལུ་ རྫོང་ཁ་སྟོན་ནིའི་ ཕམ་གི་ལམ་སྟོན་ཅིག་ཡང་ རྩོམ་སྒྲིག་འབད་དེ་ སྤྱི་ལོ་༢༠༡༧ལས་ བཀྲམ་ཆོགཔ་བཟོ་ཡོད།
  • སྤྱི་ལོ་༢༠༡༤ ལུ་ བློ་གསར་ལས་ སློབ་རིམ་༧ པ་ཚུན་གྱི་ ལྷག་དེབ་དང་རྒྱབ་རྟེན་མཁོ་ཆས་ཚུ་ བསྐྱར་ཞིབ་ཐོག་ལས་ བཙག་འཐུ་འབད་དེ་ སྤྱི་ལོ་བ་༢༠༡༥ལས་བཀྲམ་ཆོགཔ་བཟོ་ཡོད་རུང་ བཀྲམ་ནིའི་གནང་བ་ཞུ་མ་ཚུགསཔ་ལས་ སྤྱི་ལོ་༢༠༡༧ལུ་ བཀྲམ་ནིའི་ གྲ་སྒྲིག་བཟོ་བཞིན་ཡོད།

    རྩ་གཞུང་ལག་ལེན་གྱི་དཀའ་ངལ།

  • རྩ་གཞུང་ དང་འཁྲིལཝ་ད་ ལྷབ་སྟོན་མཁོ་ཆས་ཀྱི་ དགོས་མཁོ་ལེ་ཤ་ཡོད་རུང་ མ་དངུལ་གྱི་དཀའ་ངལ་དང་ བཟོ་མི་མེད་པའི་ དཀའ་ངལ་ཚུ་ལས་བརྟེན་ཏེ་ ལྷག་དེབ་དང་ ཚིག་མཛོད་ རྒྱབ་རྟེན་དཔེ་དེབ་ སྒྲ་ཐག་འཁོར་ལོ་ འགུལ་ཅན་པར་བརྙན་ ལ་སོགས་པའི་ མཐུན་རྐྱེན་ཚུ་ དགོས་མཁོ་དང་འཁྲིལ་ཏེ་ ཐོབ་མ་ཚུགས་པའི་དཀའ་ངལ།

  • རྩ་ གཞུང་གསར་པའི་ སློབ་སྟོན་འབད་ཐངས་འདི་ རྩ་གཞུང་རྙིངམ་གི་སློབ་སྟོན་འབད་ཐངས་ལས་ ཁྱད་པར་འོང་དགོཔ་ཨིན་རུང་ སློབ་དཔོན་ཆ་མཉམ་ལུ་ སྦྱོང་བརྡར་ཚུ་ འཐོབ་མ་ཚུགས་པའི་དཀའ་ངལ་གྱིས་ འབྲི་ལྷག་གི་ གྲུབ་འབྲས་ལེགས་ཤོམ་འཐོན་ནི་ལུ་ ལཱ་ཁག་གཏང་དོ་ཡོདཔ།

  • ཕམ་ དང་མི་སྡེ་སྤྱིར་བཏང་གི་ཁ་ཐུག་ལས་ ཁ་ལས་སླབ་ད་ རྫོང་ཁ་ལུ་རྒྱབ་སྐྱོར་ཡོད་ལུགས་བཤད་ནི་ཡོད་རུང་ དོན་མཐར་ཐུག་ རང་གི་ཨ་ལོའི་ཤེས་ཡོན་གྱི་ཐད་ཁར་ལྷོདཔ་ད་ ཆོས་ཚན་གཞན་ལུ་མ་གཏོགས་ རྫོང་ཁའི་ནང་ རྒྱབ་སྐྱོར་དང་རྒྱུད་སྐུལ་ཚུ་ འབད་ནི་ཉུང་པའི་དཀའ་ངལ།

  • ཨ་ ལོ་ཚུ་ གཞི་རིམ་ནང་ལུ་ རྫོང་ཁ་ལེགས་ཤོམ་ལྷབ་ནི་ཡོད་རུང་ སློབ་རིམ་༩ པ་ལས་ཡར་འགྱོ་བའི་བསྒང་ལས་ ཆོས་ཚན་གཞན་གྱི་ གོ་སྐབས་དང་ ཕན་ཐོགས་ཚུ་ མཐོང་པའི་བསྒང་ལས་ རྫོང་ཁའི་ནང་ མཐར་འཁྱོལ་གྱི་ ལག་ཁྱེར་ཐོབ་ཚུགསཔ་ཙམ་གྱི་ མནོ་བསམ་བཏང་སྟེ་ ལྷབ་མ་གཏོགས་ རྫོང་ཁ་ལེགས་ཤོམ་ཤེས་ནིའི་ མནོ་བསམ་ཧིང་ལས་བཏང་སྟེ་ ལྷབ་མི་ཉུངམ་ལས་ ཡར་རྒྱས་ཀྱི་གྲུབ་འབྲས་འཐོན་ནི་ལུ་དཀའ་ངལ་འདུག།

  • ཆོས་ ཚན་གཞན་གྱི་རྩ་གཞུང་ཚུ་ འཛམ་གླིང་རྒྱལ་ཡོངས་ཀྱི་ རྩ་གཞུང་ཚུ་དང་ ག་སྡུར་འབད་དེ་ ལེགས་བཅོས་འབད་ནི་དང་ རྒྱབ་སྐྱོར་ལེན་ནི་ཚུ་གི་ གོ་སྐབས་ཡོད་རུང་ རྫོང་ཁའི་རྩ་གཞུང་གི་ཐད་ཁར་ ང་བཅས་ར་ འབྲུག་པའི་རྫོང་ཁའི་མཁས་མཆོག་དང་ སློབ་དཔོན་ཚུ་མ་གཏོགས་ གཞན་ གཞི་རྟེན་འབད་ས་དང་ རྒྱབ་སྐྱོར་ལེན་ས་ རྒྱབ་རྟེན་འཚོལ་ས་ཚུ་ མེདཔ་ལས་བརྟེན་ཏེ་ སྤུས་ཚད་ལྡན་པའི་ རྩ་གཞུང་བཟོ་ནི་ལུ་ཡང་ དཀའ་ངལ་འབྱུངམ་མས།

  • རྫོང་ ཁའི་མིང་ཚིག་ཡིག་སྡེབ་དང་ ཕྲད་རྣམ་དབྱེའི་སྦྱོར་བ་ཚུ་ནང་ མཁས་དབང་རང་སོའི་ དགོངས་པ་ འགྲིག་མ་ཚུགསཔ་ལེ་ཤ་ཡོདཔ་ལས་ སློབ་དེབ་བྲི་ནི་དང་ སློབ་དཔོན་ཚུ་དང་ དོགས་སེལ་རེ་འབད་ནི་ཚུ་ནང་ དཀའ་ངལ་འདུག། [/tab]

[tab]རྩ་གཞུང་གསརཔ་འདི་ འགོ་བཙུགས་ཞིནམ་ལས་ ད་ཚུན་གྱི་བར་ན་ གནས་ཚད་བརྟག་དཔྱད་ཀྱི་ཐད་ཁར་ རྒྱལ་ཡོངས་གནས་ཚད་ལུ་ ཞིབ་འཚོལ་སྦོམ་འབད་ འབད་འབདཝ་དང་། རྩ་གཞུང་གསར་རྙིང་གི་ ཕན་ཁྱད་ཀྱི་ཐད་ཁར་ ག་སྡུར་འབད་དེ་ གྲུབ་འབྲས་བཏོན་བཏོནམ་ཅིག་ཡང་ ག་ནི་ཡང་མེད། ཨིན་རུང་

  • སློབ་གྲྭ་ལྟ་ཞིབ་ དུམ་གྲ་རེ་འབད་ཡོད་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ ད་ལྟོའི་བར་ན་ཡང་ ཡར་རྒྱས་ཀྱི་ འགྱུར་བ་སྦོམ་ཅིག་ ག་ནི་ཡང་འཐོན་མ་ཚུགསཔ་ལས་ ཤུགས་བཏོན་དགོཔ་ལེ་ཤ་ཡོདཔ་འབད་ ཚོར་ཡོད།
  • གཞུང་གི་ཆོས་རྒྱུགས་ཀྱི་གྲུབ་འབྲས་དང་ སློབ་གྲྭ་རང་སོའི་ ཆོས་རྒྱུགས་ཀྱི་གྲུབ་འབྲས་དང་འཁྲིལ་བ་ཅིན་ ཆོས་ཚན་གཞན་ག་ར་ལས་ རྫོང་ཁའི་ཆོས་ཚན་འདི་ སྐུགས་མཐོཝ་འབད་ཡོད།
  • རྒྱལ་ཡོངས་གནས་ཚད་ནང་ མི་མང་གིས་ བསམ་འཆར་དང་འཁྲིལ་བ་ཅིན་ ཉན་ནི་དང་སླབ་ནིའི་ནང་ ཡར་རྒྱས་སྦོམ་ར་ སོང་ཡོད་རུང་ ལྷག་ནི་དང་བྲི་ནིའི་ནང་ དཀའ་ངལ་ཡོདཔ་འབད་ བཤདཔ་ཨིན་པས།
  • སློབ་རིམ་༡༢པ་ཚུན་ རྫོང་ཁའི་ འབྲི་ལྷག་ལེགས་ཤོམ་ལྷབ་ནི་ཡོད་རུང་ མཐོ་རིམ་སློབ་སྦྱོང་དང་ ལཱ་གཡོག་ཚུ་ནང་ རྫོང་ཁ་ལག་ལེན་འཐབ་ནི་ཉུངམ་ལས་ ལོག་སྟེ་ར་བརྗེད་དེ་ མ་ཤེསཔ་འགྱོ་དོ་ཡོདཔ་འབད་ཚོར་ཡི།
  • སློབ་རིམ་༨པ་ཚན་ལུ་ རྫོང་ཁ་འདི་ལེགས་ཤོམ་འབད་ལྷབ་སྟེ་ཤེས་དེ་ཡོདཔ་ཨིན་རུང་ སློབ་རིམ་༩པའི་ནང་ལྷོད་པའི་བསྒང་ལས་ ཆོས་ཚན་གཞན་གྱི་ གོ་སྐབས་ཚུ་ ཧ་གོ་བའི་བསྒང་ལས་ རྫོང་ཁ་ལུ་ དག་སྣང་ཆུང་སུ་འགྱོ་དོ་ཡོདཔ་ཚོར་ཡི།
  • སློབ་རིམ་གོང་མ་ཚུ་ནང་ རྫོང་ཁའི་ཆོས་ཚན་འདི་ གཙོ་བོ་ འབྲི་ལྷག་རིག་རྩལ་གྱི་ སྦྱོང་ལཱ་ལུ་ ཤུགས་བཏོན་ཐོག་ལས་ ལག་ལེན་དངོས་འཐབ་འབད་ལྷབ་སྟོན་འབད་དགོཔ་ཨིན་རུང་ སློབ་དཔོན་ཚུ་གིས་ ལམ་སྟོན་ཚུ་མ་གཟིགས་པར་ བཤད་པ་ལུ་ ཤུགས་ཆེ་སུ་ཅིག་འབད་སྟོན་མི་འདི་གིས་ འབྲི་ལྷག་རིག་རྩལ་ ལེགས་ཤོམ་ལྷབ་ནིའི་གོ་སྐབས་མ་ཐོབ་པར་ལུས་ཡོདཔ་ཚོར་ཡི།

རྩ་གཞུང་ལེགས་བཅོས་དང་འབྲེལ་བའི་ མ་འོངས་འཆར་གཞི།

  • རྩ་གཞུང་ལེགས་བཅོས་དང་ ཁྱད་རིག་སྦྱོང་བརྡར་ དེ་ལས་ ལྟ་ཞིབ་དང་རྒྱབ་སྐྱོར་ལས་རིམ་ཚུ་ནང་ རྫོང་ཁའི་འབྲི་ལྷག་རིག་རྩལ་ལུ་ ཤུགས་བཏོན་ནིའི་ དམིགས་གཏད་བསྐྱེད་དེ་ ལཱ་ཚུ་འབད་ནི།
  • རྩ་གཞུང་ནང་དོན་ཚུ་ གནས་སྟངས་དང་འཁྲིལ་ཏེ་ ལེགས་བཅོས་འབད་ཡི་ར་ དུས་མཐུན་བཟོ་སྟེ་བཞག་ནི།
  • མ་དངུལ་གྱི་ཐོབ་ལམ་ཚུ་འཚོལ་ཏེ་ སློབ་དཔོན་ཚུ་ལུ་ དགོས་མཁོ་དང་འཁྲིལ་བའི་ ཁྱད་རིག་སྦྱོང་བརྡར་ གང་མང་འགོ་འདྲེན་འཐབ་ནི།
  • ལྷབ་སྟོན་ལུ་ཕན་པའི་ གློག་རིག་དང་འབྲེལ་བའི་ མཐོང་ཐོས་མཐུན་རྐྱེན་མཁོ་ཆས་ཚུ་ གང་མང་བསྒྲུབས་ཏེ་ སློབ་གྲྭ་ཚུ་ནང་བཀྲམ་ནི།
  • གཞུང་གི་འགོ་དཔོན་ཚུ་ སློབ་གྲྭ་ཚུ་ནང་བྱོན་ཏེ་ སློབ་དཔོན་ཚུ་དང་གསུང་གྲོས་གནངམ་ད་ སློབ་ཕྲུག་ཚུ་ དལཝ་མི་ལུས་ནིའི་དོན་ལུ་ སློབ་ཁང་ནང་ལུ་ ཤེས་ཚད་བརྟག་དཔྱད་ཀྱི་ ཆོས་རྒྱུགས་ཆུང་ཀུ་རེ་ ལེན་ཏེ་ གྲུབ་འབྲས་དང་འཁྲིལ་བའི་ ཞིབ་འཇུག་followup རེ་འབད་བཅུག་ནི།
  • སློབ་གྲྭ་དང་ སློབ་གྲྭའི་ཤེས་ཡོན་གྲུབ་འབྲས་ཚུ་ ལྟ་ཞིབ་གང་མང་འབད་དེ་ དེ་དང་འཁྲིལ་བའི་ ཞིབ་འཇུག་གི་ལཱ་ཚུ་གང་མང་འབད་ནི།
  • རྫོང་ཁའི་མིང་ཚིག་ཡིག་སྡེབ་དང་ ཕྲད་རྣམ་དབྱེའི་སྦྱོར་བ་ཚུ་ནང་ མཁས་དབང་རང་སོའི་ དགོངས་པ་ འགྲིག་མ་ཚུགསཔ་ལེ་ཤ་ཡོདཔ་ལས་ དེ་ཚུ་ ཤོ་མཉམ་བཟོ་ནིའི་ ལཱ་ཚུ་ འཕྲོ་མཐུད་འབད་དེ་ དཀའ་ངལ་སེལ་ཐབས་འབད་ནི།[/tab]

[tab]Content goes here[/tab] [/tabcontent] [/tabs]